Login

Signup

དྲ་ཚིགས་འདི་ནི། ངྷ་སར་རྟེན་གཞིས་བྱས་པའི་བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་དང་བོད་དོན་ལས་འགུལ་བསྟི་གནས་ཁང་གཉིས་ཀས་མཉམ་རུབ་ཀྱིས་ཐོག་ནས་བཟོས་པ་ཞིག་ཡིན།

Covid-19 TibCert

དྲ་ཚིགས་འདིའི་དམིགས་ཡུལ་ནི། འཛམ་གླིང་སྤྱི་དང་ལྷག་པར་བོད་མི་ཚོའི་བདེ་ཐང་རྒྱུན་འཁྱོངས་བྱེད་ཐུབ་པའི་ཆེད་དུ། ཏོག་དབྱིབས་ནད་དུག་Covid-19་དང་འབྲེལ་བའི་མང་ཚོགས་ཀྱི་འཕྲོད་བསྟེན་སྐོར་གྱི་སྤྱོད་སྒོ་ཆེ་བའི་གནས་ཚུལ་རིགས་མཁོ་སྤྲོད་དང་ཞིབ་བསྡུར་བྱེད་རྒྱུ་དེ་ཡིན། ང་ཚོས་དྲ་ཚིགས་འདི། དྲ་ཐོག་ཏུ་ཁྱབ་སྤེལ་འགྲོ་བཞིན་པའི་ཏོག་དབྱིབས་ནད་དུག་སྐོར་གྱི་གནས་ཚུལ་རིགས་རྫུན་མ་ཡིན་མིན་ཁུངས་གཏུགས་སའི་ཚད་ལྡན་གྱི་་རྒྱུ་ཆ་ཞིག་ཏུ་འགྱུར་ཐུབ་པའི་རེ་ལྟོས་བྱེད་ཀྱི་ཡོད།

སྤྱིར་བཏང་གི་གནས་ཚུལ་རིགས་གནས་སྟངས་མང་ཆེ་བར་འོས་འཚམས་ཡིན་ངེས་ཀྱང་། ཁྱེད་རང་གི་ས་གནས་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ཀྱི་ངོས་ནས་བཏོན་པའི་གནས་ཚུལ་ཁག་ལའང་རྒྱུས་ལོན་བྱེད་དགོས་ལ། རྒྱལ་ཁབ་རིམ་པ་དང་ས་གནས་རིམ་པའི་ཁྲིམས་སྲོལ་་ཁག་ལ་བརྩི་སྲུང་བྱེད་དགོས།

འཕྲུལ་རིག་གི་ཐབས་ལམ་ཁག

ལོ་རྒན་པ་ཚོར་ལམ་སྟོན།

འཕྲོད་བསྟེན་གྱི་ཐབས་ལམ་ཁག

ཏོག་དབྱིབས་ནད་དུག་ཁྱབ་སྤེལ་མ་འགྲོ་བའི་རོགས་པ་བྱེད་རོགས།

ལོ་རྒན་པ་ཚོར་ཕུལ་བའི་བོད་སྐད་ནང་གི་་ལམ་སྟོན།

བདེ་ལེགས་སྨན་ཁང་གི་སྨན་བཅོས་འགན་འཛིན་དང་། ༧གོང་ས་སྐྱབས་མགོན་མཆོག་གི་སྐུ་སྒེར་བླ་སྨན་ཨམ་རྗེ་ཚེ་བརྟན་ལགས་ཀྱི་ལམ་སྟོན། དགྱེས་གཟིགས་དང་བརྒྱུད་སྐུར་གང་མང་གནང་རོགས། བོད་སྐད་ནང་གི་བཅར་འདྲི།

ལོ་རྒན་པ་ཚོར་ཕུལ་བའི་བོད་སྐད་ནང་གི་་ལམ་སྟོན།